Bhutan

ཟ་ཆས་དང་སོ་ནམ་ལས་ཁུངས འབྲུག་རྒྱལ་ཁབ

འབྲུག་རྒྱལ་ཁབ་འདི་ སྤྱི་ལོ་ ༡༩༨༡ གི་ལོ་ནང་ ཟ་ཆས་དང་སོ་ནམ་ལས་ཁུངས་ཀྱི་འཐུས་མི་སྦེ་འཛུལ་བཞུགས་འབད་དེ་ཡོདཔ་དང་ རྒྱལ་ཁབ་ཀྱི་ཡིག་ཚང་འདི་ཡང་ སྤྱི་ལོ་ ༡༩༨༠ བརྒྱ་གྲངས་ཀྱི་ ལོའི་ནང་གཞི་བཙུགས་འབད་དེ་ཡོདཔ་ཨིན། ཟ་ཆས་དང་སོ་ནམ་ལས་ཁུངས་ལས་ཁུངས་ཀྱི་ འཐུས་མི་རྒྱལ་ཁབ་ཚུ་ལུ་ གྲོགས་རམ་ཚུ་ རྒྱ་ཆེ་ཏོག་ཏོ་སྦེ་འབད་དོ་ཡོད་པའི་ཁར་ འབྲུག་རྒྱལ་ཁབ་ལུ་འབད་བ་ཅིན་ འཕྲུལ་རིག་མཉམ་འབྲེལ་ལས་རིམ་དང་ ལུང་ཕྱོགས་ཚུ་ནང་ཐབས་རིག་གསར་བཏོན་ལཱ་གི་འགོ་བཙུགས་ དེ་ལས་ ལུང་ཕྱོགས་དང་ཕྱོགས་མང་གི་ལས་རིམ་ཚུ་གི་རྒྱབ་སྐྱོར་ཚུ་ཚུདཔ་ཨིན། འབྲུག་རྒྱལ་ཁབ་ཀྱི་ ལོ་ལྔའི་འཆར་གཞི་ ༡༣ པའི་དོན་ལུ་ ཟ་ཆས་དང་སོ་ནམ་ལས་ཁུངས་ཀྱིས་ གཞན་ལས་འགུལ་མ་འདྲཝ་ཚུ་བརྒྱུད་དེ་ ཡུ་ཨེས་དྲོ་ལར་ ས་ཡ་ ༨༣ དེ་ཅིག་མཁོ་སྒྲུབ་འབད་ནི་ལུ་ དམིགས་པ་བསྐྱེདཔ་ཨིན། གཞན་ཡང་ ཟ་ཆས་དང་སོ་ནམ་ལས་ཁུངས་ཀྱི་འགོ་འདྲེན་ཐོག་ གཞུང་གི་ངོས་འཛིན་ཐོབ་པའི་ངོ་སྦྱོར་གྱི་ཐོག་ལུ་ སྔོ་ལྗང་གནམ་གཤིས་མ་དངུལ་འོས་ལྡན་སྤྱོད་ནི་ལུ་ ཆུའི་ལས་འགུལ་དང་ འཛམ་གླིང་རང་བཞིན་གནས་སྟངས་མཐུན་རྐྱེན་བགོ་སྐལ་ཚུ་གི་ ཞབས་ཏོག་ཞུཝ་ཨིན།   

འབྲུག་རྒྱལ་ཁབ་ཀྱི་ཟ་ཆས་དང་སོ་ནམ་ལས་ཁུངས་ངོ་ཚབ་ ཀན་ཤི་མི་ཛུ 

ལས་འགུལ 

འཛམ་གླིང་སྤྱི་ཚོགས་ཟ་ཆས་དང་སོ་ནམ་ལས་ཁུངས་ འདི་འབྲུག་རྒྱལ་ཁབ་ཀྱི་སོ་ནམ་ལས་སྡེ་ནང་རྒྱབ་བསྐྱོར་གང་དྲག་ཚུལ་མཐུན་འབདཝ་ཨིན། ང་བཅས་གིས་ལས་འགུལ་ཚུ་གིས་ (African Swine Fever) དང་འདྲ་བའི་ཉེན་ཁ་ལས་ གདོང་རྒོལ་འབདཝ་མ་ཚད་ གཞན་ཡང་ཡུན་བརྟན་གི་སོ་ནམ་དང་སྒོ་ནོར་གསོ་སྐྱོང་ཚུ་རྒྱ་བསྐྱེད་དང་ཡར་དྲག་གཏང་ནི་བརྩོནམ་ཨིན། 

སྤྱིར་བཏང་གིས་ཟ་ཆས་དང་སོ་ནམ་ལས་ཁུངས་ ལས་འགུལ་ཚུ་འབྲུག་ནང་འཁོད་ཀྱི་ཁས་རྒུད་ཅན་གི་ལས་སྡེ་ཚུ་དང་མཉམ་རུབ་ཐོག་བཟའ་འཐུང་ཉེན་སྲུང་ཡར་དྲག་གཏང་ནི་དང་འཚོ་ཐབས་ཡར་འཕར་གཏང་སྟེ་སོ་ནམ་བཟའ་སྤྱོད་ལམ་ལུགས་ཡད་དྲག་གཏང་ནི་ལུ་བརྩུན་ཤུགས་བསྐྱེདཝ་ཨིན།: FAO in Bhutan projects

མཉམ་འབྲེལ་ཡིག་ཚང 

འབྲུག་རྒྱལ་ཁབ་ཀྱིས་སྤྱི་ལོ་༡༩༧༢ ལས་ཚུར་ཡུ་ཨན་དྲི་པི་གིས་གྲོགས་རམ་དང་མ་དངུལ་རྒྱབ་སྐྱོར་འབད་བའི་འཛམ་གླིང་སྤྱི་ཚོགས་ཟ་ཆས་དང་སོ་ནམ་ལས་ཁུངས་གི་ལས་འགུལ་ཚུ་གདོང་ལེན་འབད་དེ་རྒྱལ་ཁབ་ནང་རྒྱ་ཆེ་བའི་ཁྱད་རིགས་ལྡན་པའི་གོང་འཕེལ་གི་ལས་སྣ་ཚུ་འགོ་བཙུགས་ཡི། 

སྤྱི་ལོ་༡༩༨༡ ལུ་འཛམ་གླིང་སྤྱི་ཚོགས་ཟ་ཆས་དང་སོ་ནམ་ལས་ཁུངས་ འཐུས་མི་འབད་འཛུལ་བཞུགས་འབད་དེ་སོ་ནམ་དང་ནགས་ཚལལ་ དེ་ལས་སྒོ་ནོར་ལས་སྡེ་ཚུ་དང་འབྲེལ་བའི་ལྕོགས་སྒྲུབ་དང་འཇོན་ཐང་ ཡར་དྲག་གཏང་ཏེ་ཁྱད་རིགས་དང་ལྡན་པའི་རྒྱ་སྐྱེད་གཏང་ཡི། 

ལས་འགུལ་འཛིན་སྐྱོང་ཚུ་ནང་ཡུན་བརྟེན་དང་འབྲེལ་བའི་བར་འཛུལ་འབད་ཐབས་དང་འདྲ་མཉམ་གྱི་གོང་འཕེལ་གཏང་ཐབས་ལུ་ཕོ་མོ་འདྲ་མཉམ་གྱི་ངོས་ལེན་གི་ཐབས་ལམ་ཚུ་སྒྲིག་ཡོད། དམིགས་གཏད་གཙོ་བོ་རང་སྐྱེ་ལྡན་གནས་སྟངས་རིམ་ལུགས་ཉམས་གསོ་འབད་ནི། གནམ་གཤིས་བསྒྱུར་བ་དང་མཐུན་བསྒྱུར་དང་ཚབས་ཤུགས་ཞི་ཐབས་སྒྲིག་ཏེ་སོ་ནམ་དང་ནགས་ཚལ་ལས་སྡེ་ཚུ་ནང་ མཉམ་འབྲེལ་དང་བདེ་ཐབས་ མཐའ་སྐྱོང་འབད་ནི་འདི་ཨིན། 

འཛམ་གླིང་སྤྱི་ཚོགས་ཟ་ཆས་དང་སོ་ནམ་ལས་ཁུངས་ཀྱི་འབྲུག་རྒྱལ་ཁབ་ནང་གཤམ་གསལ་བཀོད་པའི་ཡིག་ཚང་ཚུ་དང་གཅིག་ཁར་ཕྱག་ལཱ་མཛོདཔ་ཨིན། 

  • དཔལ་ལྡན་འབྲུག་གཞུང་། 

  • འཛམ་གླིང་སྤྱི་ཚོགས་དང་མཉམ་འབྲེལ་ཡིག་ཚང་། 

  • ས་གནས་ཀྱི་ཡིག་ཚང་། 

  • ཕྱི་འབྲེལ་ཡིག་ཚང་། 

FAOSTAT Country Profile

མི་སྡེ་བརྡ་བརྒྱུད 

འབྲེལ་མཐུད། 

འབྲེལ་བ་འཐབ་ས 

ཟ་ཆས་དང་སོ་ནམ་ལས་ཁུངས  འབྲུག་རྒྱལ་ཁབ 

འཛམ་གླིང་སྤྱི་ཚོགས 

དཔལ་གླིང་ལམ  

ཐིམ་ཕུག 

[email protected]